༄༅།། གཤིན་པོའི་སྦྱང་ཆོག་ཐར་ལམ་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ།། ༄༅།། གང་ཞིག་སྙིང་ལ་དྲན་པ་ཙམ་གྱིས་ ཀྱང༑ ༑སྲིད་པའི་ཉེས་བརྒྱའི་རྩ་བ་རྨོངས་མུན་ཚོགས། །སྐལ་པའི་མེ་དང་འཕྲད་པའི་བུད་ཤིང་བཞིན། །མཐར་མཛད་བླ་མ་གཤིན་རྗེའི་གཤེད་ལ་ འདུད༑ ༑འདིར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཐབས་རྨད་དུ་བྱུང་བ་ལྷོ་སྒོར་གྲགས་པའི་ཆོ་ག་ལག་ཏུ་བླང་ བདེ་བར་དགོད་པ་ལ། སྒྲུབ་པ་པོ་འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལྟ་བུའི་སྒྲུབ་གཞི་ཡོད་ན་སྔོན་འགྲོ་ གཏོར་མ་ནས་ཚད་མེད་བཞི་བསྒོམ་པའི་བར་སོང་རྗེས་བུམ་པ་བསྒྲུབ་ཏེ། སྔགས་གཉིས་ཀྱི་དོན་བསྒོམ་པ་ནས་བདག་མདུན་འཇུག་པ་གཅིག་ཏུ་སྒྲུབ་ཅིང་མཆོད་བསྟོད་ བཟླས་པ་གཏོར་འབུལ་དང་བཅས་པའི་བར་གཞུང་བཞིན་བྱ། སྒྲུབ་གཞི་མེད་ན་སྔོན་འགྲོ་ནས་གཏོར་འབུལ་གྱི་བར་སོང་རྗེས་བུམ་པ་བསྒྲུབ། སྤྱིར་བུམ་པ་ སྒྲུབ་ལུགས་ལ་དབང་བསྐུར་ན་དཀྱིལ་འཁོར་གང་ལ་བརྟེན་པ་དེའི་དབང་བུམ་སྒྲུབ་དགོས་ཤིང། ལྷོ་སྒོ་རྐྱང་པ་ལ་བུམ་པ་བཧྲུམ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ [137A]༄༅། །ཐམས་ཅད་དང་ལྡན་པར་བསྐྱེད་དེ་ནང་དུ་དཀྱིལ་འཁོར་གང་ལ་བརྟེན་པ་དེའི་རིགས་ལྔ་འམ་རིགས་ལྔ་སྤྱི་འགྲོ་གང་ཡང་རུང་བ་བསྐྱེད་ནས་མི་ བསྐྱོད་པའི་སྔགས་ཀཾ་ཀ་ནི་དང། རྣམ་སྣང་གི་སྔགས་དུ་རྒ། རིན་འབྱུང་གི་སྔགས་རཏྣ། འོད་དཔག་མེད་ཀྱི་སྔགས་ཨ་མྲྀ་ཏ། དོན་ གྲུབ་ཀྱི་སྔགས་ཨ་མོ་གྷ་སོགས་བཟླས་ཏེ་སྒྲུབ་ཆོག་པར་ཚད་ལྡན་དམ་པའི་གསུང་ལས་འབྱུང་པས་དེ་བཞིན་བྱས་ཀྱང་རུང་ངོ། །ཡང་ཁྲུས་བུམ་ཙམ་ སྒྲུབ་པ་ལ་གཏོར་འབུལ་ཡན་སོང་རྗེས་མདུན་དུ་བུམ་པ་མ་གུལ་ཆིང་སྔོན་པོ་ཅན་དྲི་བཟང་གི་ཆུ་ལ་བུམ་རྫས་བཏབ་པས་རན་པར་བཀང་པ་བཤམ་ལ། སྭ་བྷ་ཝས་ སྦྱངས༑ སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ ལྡན་པར་གྱུར་པའི་ནང་དུ་སྟེང་གི་ཆར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་ རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཧཱུཾ་ཡིག་ སྔགས་འཕྲེང་དང་བཅས་པ་ལ་ཐིམ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་བར་བསམ་ལ་གཤིན་རྗེ་བཤེད་ཀྱི་ཡིག་བརྒྱ་ཉེར་གཅིག་ [137B] པར་བསམ་ནས་བསྒྲུབ་ཀྱང་རུང་བས་གང་མོས་ བྱ༑ ལས་བུམ་ལོགས་སུ་མེད་པར་བསང་ཆུའང་དེ་ཉིད་ལ་བསྒྲུབ་ན། རང་གི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་རྣམས་ཀྱི་ ནུས་མཐུ་ཐམས་ཅད་ལས་སྔགས་འོད་ཟེར་དང་བཅས་པའི་རྣམ་པར་སྤྱན་དྲངས་ཏེ་བུམ་ཆུ་ལ་ཐིམ་པར་གྱུར་པར་བསམ་ལ། ཨ་མྲྀ་ཏ་བཟླ་བ་སྤྱི་འགྲོར་བཤད་པས་དེ་འམ་ ཁད་དཧི་ཀ་གཾ་ཧྲཱི་ཥྚཱི་ཅི་འགྲུབ་བཟླ། དེ་ནས་གྲུབ་ན་དཀྱིལ་འཁོར་བཤམ་ཡོད་ཚེ་དེའི་ལྷོ་སྒོའི་ཕྱོགས་སུ་སྟེགས་བུ་ཁྲུ་གང་གྲུ་བཞི་པ་བྱས་ ཏེ་བ་བྱུང་དང་ཙནྡན་གྱིས་བྱུགས་པའི་རྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་སྟེང་དུ་རོ་ཡོད་ན་ཁྲུས་དང་ཆས་འཇུག་ཡི་གེ་འདོགས་པ་ སོགས་ཚུལ་མཐུན་བྱས་པ་དང་མེད་ན་རུས་པའམ་གོས་སམ་ཚེ་འདས་ཀྱི་གཟུགས་ལུས་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བས་མེ་ཏོག་གི་འཕྲེང་བ་འཛིན་པ་སྙིང་ཁར་མིང་ཡིག་ དང་པོས་མཚན་པ་བྲིས་པའི་གཟུགས་བྱང་ངམ་མིང་བྱང་ལྟ་བུ་བཞག་གལ་ཏེ་དེ་ཐམས་ཅད་དངོས་སུ་མ་གྲུབ་ན། ཡིད་ཀྱིས་མོས་ཏེ། སྦྱང་རྟེན་ བུམ་ཆུ་དང་ལས་ཐམས་ཅད་པས་བསངས། ཨོཾ་ཤཱུ་ནྱ་ཏཱ་ནས་ཧཾ། རྟེན་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་ [138A]༄༅། །འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་ཐ་མལ་པའི་ཆ་བྱད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ ཡོངས་སུ་རྫོགས་པར་གྱུར་བར་བསམ་ལ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་འཛུབ་མོ་གཉིས་བརྐྱང་བཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས་ལ། མཐེའུ་ཆུང་གཉིས་ ཁབ་ལྟར་བརྒྱད་པ་ཤི་བ་འགུག་པའི་ཕྱག་རྒྱ་རོ་ལྟ་བུའི་མགོར་དངོས་སུ་བཞག་པའམ་སྦྱང་རྟེན་གསོན་པོའི་རྣམ་པར་བསྐྱེད་པ་དེའི་མགོར་བཞག་པར་མོས་ཏེ། ཁ་ཅིག་འདིར་ སྔགས་གཞན་བརྗོད་པ་ཡོད་ཀྱང་འདི་ཤི་བ་འགུག་པའི་སྔགས་སུ་གསུངས་པས་འདི་ཉིད་བརྗོད། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཛྫ། སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་ བདེན་པ་དང། དགེ་འདུན་གྱི་བདེན་པ་དང། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང། རྡོ་རྗེའི་སེམས་ཁུག་ཅིག་ རིན་པོ་ཆེ་དང། པདྨ་དང། ལས་ཀྱི་ རིགས་སུ་ཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ ཅད་དང། ཁྱད་པར་དུ་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདེན་པ་དང། བདེན་ པའི་བྱིན་གྱིས་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་མིང་ནས་བརྗོད་པའམ། འདི་ཉིད་ཀྱི་རྣམ་པར་ཤེས་པ་སྲིད་པ་བར་དོ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གང་ན་ [138B] སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག་རང་གི་ཐུགས་ཁ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིར་གསལ་བ་ཨ་ཐུང་ ཅན་བཀུག་པ་སྤྱི་གཙུག་ནས་ཞུགས་ཏེ་སྙིང་ཁར་ཐིམ་པར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ་སོགས་སམ། བཛྲ་མུད་གར་ཛ་སོགས་སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས་དགུག་གཞུག་བཅིངས་ དབང་བྱ། སྔགས་བསྡུས་པ་ལ་མོས་ན། ཛཿ་ཧཱུཾ་བཾ་ཧོཿ་ས་ཀྱང་རུང། རྗེ་འདུལ་བ་འཛིན་པའི་ཆོ་གའི་གཞུང་དང་ཊིཀ་ཆེན་ནས་མི་གསལ་ཡང་ཚང་ལྡན་གཞན་གྱིས་རྡོ་རྗེ་བསྔམས་པ་ལས་གུད་མོ་ གཉིས་བསྒྲིང་པའི་ཕྱག་རྒྱ་བྱ་བར་བཤད་པས་སྤྲོ་ན་དེ་བཞིན་བྱས་ལ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་བཱ་པཾ་ཨ་ན་ཡ་ཧཱུཾ། སྡིག་པ་ཐམས་ཅད་ཁུག་ལ་སྦྱོང། ཞེས་སྡིག་པ་འགུག་པའི་སྔགས་བརྗོད་པས་ཚེ་ འདས་ཀྱི་སྡིག་སྒྲིབ་ཐམས་ཅད་བཀུག་པར་གྱུར་པར་བསམ། རྒྱས་པ་ལ་སྤྲོ་ན་རྡོ་རྗེ་ཁུ་ཚུར་གཉིས་ཀྱི། ནང་དུ་འཛུབ་མོ་ལྕགས་སྒྲོགས་ལྟར་བཅིངས་ཏེ་ལེགས་པར་གྱེན་དུ་འཕང་པ་ལྟུང་བ་སློང་ བའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཨ་པཱ་ཡ་ཨ་ཀརྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ངན་སོང་བ་ཐམས་ཅད་བཀུག་ནས་སྒྲིབ་པ་རྣམ་པར་སྦྱོང་བ་ལས་མི་འདའ་བའི་རྡོ་རྗེ། ཅེས་ངན་སོང་ཐམས་ ཅད་འགུག་པའི་སྔགས་བརྗོད་པས། ངན་འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀུག་ཅིང་དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་དུ་གསོལ། བདག་ཅག་ སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་ལ་ཡང་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་བྱེད་པར་གྱུར་པར་བསམ། རྡོ་རྗེ་བསྡེམས་པ་ལས་གུང་མོ་གཉིས་བསྒྲེངས། མཐེ་འོད་གཉིས་དང་མཐེའུ་ [139A]༄༅། །ཆུང་གཉིས་བསྲེང་སྟེ་མཉེ་ཞིང་དྲལ་བ་སྡིག་པ་འཇོམས་པའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་པཱ་ནི་བི་སྦོ་ཊ་ཡ་སརྦ་ཨ་པཱ་ཡ་གནྡྷ་ན་ནི་ཕྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏེ་བྷྱ་ཕྱག་ན་རྡོ་རྗེ་ ངན་སོང་ཐམས་ཅད་འཆིང་བ་རྣམས་ལས་རྣམ་པར་དྲོལ་ཅིག་རབ་ཏུ་དྲོལ་བར་གྱིས་ཤིག་སརྦ་སཏན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ངན་སོང་གི་འགྲོ་བ་རྣམས་ལས་སེམས་ཅན་ཐམས་ཅད་ཀྱི་ རྡོ་རྗེའི་དམ་ཚིག་གིས་དྲོལ་ཅིག་ཅེས་སྡིག་པ་འཇོམས་པའི་སྔགས་བརྗོད་པས། ངན་འགྲོ་བ་རྣམས་ཀྱི་སྡིག་པ་ཐམས་ཅད་བཅོམ་ཞིང་ཤི་ནས་གཤིན་རྗེ་གཤེད་ཀྱི་ཞབས་དྲུང་དུ་སྐྱེས། རྟེན་རྣམས་ པ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་གྱུར་བར་བསམ་པ་འདི་རྣམས་བྱ་ཞིང། བསྡུས་པ་ལ་མོས་ན་ངན་སོང་དགུག་ཏྲལ་འདི་རྣམས་མ་བྱས་ཀྱང་རུང། ཨོཾ་སརྦ་བི་ད་སརྦ་ཨ་བ་ཡ་བི་ཤོདྷ་ནེ་ཧཱུཾ་ཕཊ་སཱཧཱ་ བཛྲ་བནྡྷ་ཏྲཊ། ཐམས་ཅད་རིག་པ་ངན་སོང་ཐམས་ཅད་རྣམ་པར་སྦྱོང་ཤིག་ཅེས་བརྗོད་ཅིང་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་ཏྲལ་པས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་ བཅས་པ་སྦྱངས་བར་གྱུར་བར་བསམ། ཆོ་གའི་གཞུང་ལས་འདི་ཡིན་ན་འབྱུང་ལ། ཊིཀ་ཆེན་ནས། ཨོཾ་སརྦྦ་བིད་སརྦ་པཱ་པཾ་བི་ཤོདྷ་ནེ་ཧཱུཾ་ཕཊ་སཱཧཱ། ཐམས་ཅད་རིགས་པ་སྡིག་པ་ཐམས་ཅད་ རྣམ་པར་སྤྱོད་ཤིག་དྲོལ་ཅིག་སརྦ་བིད་ཏྲཊ་ཅེས་པའི་སྔགས་གསུངས་ཤིང་སྔམ་མ་གསུང་བས་ཕྱི་མ་བརྗོད་ཀྱང་རུང་བར་སེམས་སོ། །དེ་ནས་ཚེ་འདས་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱ་ དམར་པོ། །སྙིང་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར་བར་བསམ་ཏེ་གནས་གསུམ་བྱིན་གྱིས་རླབས། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་རྣམས་བསྒྲེངས་ཏེ། འཛུབ་ [139B] སྙིང་ཁ་ལྐོག་མ་སྤྱི་གཙུག་ཁ། དབྲལ་བ་མཛོད་སྤུ་རྣ་བ་གཉིས། མགོ་བོ་གཙུག་ཕུད་དཔུང་པ་གཉིས། སྣ་དང་རྐེད་པ་བུས་ ལ༑ ལོང་བུ་སྣ་ཡི་རྩེ་མོ་དང། མིག་གཉིས་དང་ནི་གསང་བ་ཡི། ཞེས་པའི་གནས་ཉིང་གཉིས་སུ་གཏུག་པའམ་མོས་ལ། ཨོཾ་བཛྲ་ཨ་དཧི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་པས་བྱིན་གྱིས་རླབས་ བར་དོ་ངོ་སྤྲོད་བྱེད་ན་སྐབས་འདིར་བྱ། གནས་གསུམ་དང་ཉེར་གཉིས་བྱིན་གྱིས་བརླབས་པ་འདི་འདུལ་འཛིན་པའི་ཡིག་ཆ་གཉིས་ཀར་འབྱུང་ཞིང་སྤྱོད་རྒྱུད་ནས་བཤད་པས་བྱས་ན་ཕུན་སུམ་ཚོགས་ པའི་ཡན་ལག་ཏུ་འགྱུར་ལ། ཚད་ལྡན་གཞན་གྱིས་སྐབས་འདིར་ཚེ་འདས་དཀྱིལ་འཁོར་གང་ལ་བརྟེན་པ་དེའི་རྣམ་སྣང་གི་རིགས་ཀྱི་ལྷའམ་གཙོ་བོར་བསྐྱེད་དེ། དེ་ནས་གནས་གསུམ་དུ་ཡི་གེ་ གསུམ་དགོད་པར་བཤད་ཅིང་གནས་ཉེར་གཉིས་བྱིན་གྱིས་རླབས་པའི་སྔགས་རྒྱ་མ་བཤད་པའང་ཡོད་པས་དེ་ལྟར་བྱས་ཀྱང་རུང་ངོ། །རྟེན་སྐྱེད་པ་ནས་འདིའི་བར་དུ་ལྷར་བསྐྱེད་པ་ འདུལ་འཛིན་པའི་ཆོ་གའི་གཞུང་ལས་མི་འབྱུང་ཡང། རྟེན་སྐྱེད་ནས་རྣམ་ཤེས་བཀུག་པའི་རྗེས་སུ་དབང་ཐོབ་པ་ཡིན་ན་རང་ལྷར་བསྐྱེད་པའམ་ཡང་ན་ཕོ་ཡིན་ན་རྣམས་སྣང་དང། མོ་ཡིན་ན་སྤྱན་མར་ རང་གི་ས་བོན་ལས་སྐྱེད་པ་ཀྱཻ་རྡོ་རྗེའི་རོ་སྲེག་གི་ཆོ་ག་བྲམ་ཟེ་ནག་པོ་ཞབས་ཀྱིས་མཛད་པའི་ཁུངས་དང་བཅས་པ་ཊིཀ་ཆེན་ནས་བཤད་དོ། །དེ་ལྟར་སྐབས་འདིར་ལྷར་སྐྱེད་ན་བསང་སྦྱང། སྟོང་ པའི་ངང་ལས་གཏི་མུག་གཤིན་རྗེ་གཤེད་དམ། གཙོ་བོ་གང་རུང་དུ་ཆོ་ག་གསུམ་གྱིས་སྐྱེད་དེ་གནས་གསུམ་དུ་ཡི་གེ་གསུམ་དགོད་པར་བྱའོ། །དེ་ནས་བགེགས་སྦྱང་བ་ནི་འདིར་སྐབས་ཐོབ་ཀྱིས་ [140A]༄༅། །ཚེ་འདས་དེ་གསོན་པའི་དུས་ན་ཚེ་གནས་པ་ལ་བར་ཆད་བྱེད་ཅིང་ཤི་བའི་འོག་ཏུ་དེའི་སྔོན་གྱི་ཆ་ལུགས་དང་སྤྱོད་པ་སོགས་ཤེས་པར་བྱས་ཏེ། དེའི་ཆ་བྱད་བཟུང་ནས་ཉེ་འབྲེལ་ རྣམས་ཀྱི་རྨི་ལམ་དུ་འབྱུང་བ་དང་གཞན་ལ་བབ་ནས་སྨྲ་བ་ལ་སོགས་པའི་སྒོ་ནས་བསླུ་ཞིང་གནོད་པར་བྱེད་པའི་དྲི་ཟ་ཁྱབ་བྱེད་ཅེས་བྱ་བ་དང། བི་ཙ་ན་ཞེས་བྱ་བ་དང། གནོད་སྦྱིན་སྨྲ་འདོད་ཀྱི་ རིགས་དང། འབྱུང་པོ་བར་ཧི་ནཏ། ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་ལ་སོགས་པ་དང། ཚེ་འདས་དེ་བར་དོ་ནས་ངན་སོང་དུ་འཁྲིད་པ་དང། ཡང་ཚེ་འདས་དེ་གང་དུ་སྐྱེ་བ་བླང་བའི་ གནས་སུ་དགེ་བ་དང་བདེ་བ་ལ་བར་དུ་གཅོད་པའི་ཡི་དགས། གཤིན་རྗེའི་ཆ་བྱད་པ་ཞེས་བྱ་བ་ལ་སོགས་པའི་བགེགས་ཀྱི་རིགས་རྣམས་སྦྱོང་བ་ཡིན་པས་དེ་དག་ལ་གཏོར་མ་སོགས་བྱིན་མཐར་བསྐྲོད་པའི་རྒྱབ་ དཔུང་དུ་དཀྱིལ་འཁོར་རང་རང་གི་ལས་ལྷ་གཙོ་བོར་བྱས་པའི་ཁྲོ་བོ་གྲངས་མེད་སྤྱན་འདྲེན་པར་བཤད་པས་བཅུ་གསུམ་མ་ལ་རལ་གྲི་གཤིན་རྗེ་གཤེད་དམ་གཉིས་ཀ་ལ་འཇིགས་བྱེད་ཕྱག་གཉིས་གྲི་ཐོད་ འཛིན་པ་གཙོ་བོར་གྱུར་བའི་ཁྲོ་བོ་དཔག་ཏུ་མེད་པ་ལྷོ་སྒོའི་ཐད་ཀྱི་སྲུངས་འཁོར་གྱི་མདུན་དུ་སྤྱན་འདྲེན་པའི་དམིགས་པ་དང་བཅས་པས་ཁྲོ་བོ་སྤྱན་དྲངས་པ་ནས་མཆོད་བསྟོད་ཀྱི་བར་བྱ་ཞིང། དཀྱིལ་འཁོར་ ཆེན་པོའི་ས་གཞི་ལ་གནས་པའི། ཞེས་པ་སྡིག་སྦྱོང་ཆེན་པོའི་ས་གཞི་ལ་གནས་པའི་ཞེས་དང། ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒོམ། ཞེས་པ། ད་ནི་གནས་འདིར་ཚེ་ འདས་སྒྲིབ་པ་སྦྱོང། ཅེས་པར་འདོན་པ་བསྒྱུར། ཆོ་གའི་གཞུང་དུ། སྐད་གཅིག་གི་རང་ཉིད་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་བར་བཤད་ཀྱང་འདིར་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ [140B]གཏོར་མ་གསུམ་བཤམས་ལ་སྔགས་དང་བུམ་ཆུས་བསང། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱ་ཧཱུཾ། གསུམ་གྱིས་བྱིན་གྱིས་རླབས། གཏོར་མ་གཡས་སུ་བསྐོར་ཞིང། ཨོཾ་སརྦ་བི་གྷན་ ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ། །སོགས་གསུམ་གྱིས་བསྔོ་བ་ནི་ཞི་བས་སྦྱང་བ། ཏིང་ལོའི་མར་མེ་དང་ཆང་བུ་སྒྲགས་ནས་རྟེན་ལ་ཕྱིར་སྐོར་ཞིང། སུམ་བྷ་ནི་ལན་གསུམ་བརྗོད་པ་ཞི་དྲག་ཕྱེད་ མས་སྦྱང་བ། སངས་རྒྱས་ཀྱི་བདེན་པ་དང། ཞེས་པ་ནས། བདེན་པའི་བྱིན་གྱིས་བརླབ་གྱིས་ཚེ་ལས་འདས་པ་ཆེ་གེ་མོ་འདི་གསོན་གྱི་དུས་ན་ཚ་གནས་པ་ལ་པར་དུ་གཅོད་ཅིང་ ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོར་སི་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་དང་འཇིག་རྟེན་པ་ རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོང་ལ་ཕན་ པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག་གལ་ཏེ་མི་འགྲོན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཙང་རྣམ་པར་འཇོམས་པར་གདོན་མི་ཟའོ། །ཞེས་ བརྗོད་ཅིང་སུམ་བཧི་ནའི་སྔགས་དྲག་ཏུ་བཟླ། གུ་གུལ་གྱིས་བདུག་ཡུད་ རོལ་མོའི་སྒྲ་དྲག་ཏུ་བྱ་བ་ནི་དྲག་པོས་སྦྱང་བའོ། །ཞི་དྲག་བྱེད་མ་དང་དྲག་པོས་སྦྱར་བའི་ [141A]༄༅། །སྐབས་སུ་སུམ་བྷ་ནི་བཟླ་བར་གཞུང་དང་ཊི་ཀ་ཆེན་ལས་བཤད་ཅིང། སྤྱིར་ཡང་སུམ་བྷ་ནི་བཟླ་བ་སྤྱི་འགྲོ་ཡིན་ལ། ཚད་ལྡན་འགའ་ཞིག་གིས་སུམ་བྷ་ནི་མི་བརྗོད་བཛྲ་ ཨ་མྲྀ་ཏ་ལྟ་བུའི་ལས་སྔགས་བརྗོད་པར་བཤད་པའང་ཡོད་པས་དེ་ལྟར་ནི་འདིར་ཁངྐ་དྷྲིཀ་གི་ཧྲཱི་ཥྚཱི་འམ་འཁྱིལ་པའི་སྔགས་ལྟ་བུ་གང་རིགས་བརྗོད་ཀྱང་རུང། དེ་ནས་སྡིག་པ་སྤྱད་པ་ ལ་སྦྱིན་སྲེག་གིས་སྦྱང་བ་ནི། འབྱོར་ན་སྤོས་ཕོར་མེ་དང་བཅས་པའི་མདུན་དུ་རྡོ་རྗེ་མཁའ་འགྲོའི་མཆོད་པ་དང། མཎྜལ་ལམ་མེ་ལོང་ལྟ་བུའི་སྟེང་དུ་ཏིལ་ནག་པོ་ལ་སྡིག་པའི་གཟུགས་ བྱས་པ་བཤམས། ད་ལྟ་ཕྱག་ལེན་ལ་འགའ་ཞིག་གིས་ཟན་གྱི་ཏིང་ལོ་ཟླུམ་པོ་བྱེད་པ་དང། འགའ་ཞིག་ཏིང་ལོ་ཟུར་གསུམ་གྱི་རྣམ་པ་བྱེད་པ་སོགས་དུ་མ་སྣང་བ་སྤོས་ཕོར་ལྟ་བུའི་མེ་སྣོད་འོས་འགད་ ཡོད་ན་ཏིང་ལོ་མི་དགོས་ཤིང་མེད་ན་ཏིང་ལོ་ཟླུམ་པོ་ལྟ་བུ་ལ་བརྟེན་རུང་ཙམ་ཡིན་ཀྱང་ཟུར་གསུམ་བྱེད་པ་ལག་ལེན་ཤིན་ཏུ་མ་དག་པ་ཡིན་ཏེ། ཊིཀ་ཆེན་སོགས་ཚད་ལྡན་གྱི་གཞུང་ལས་འདིར་ཞི་བའི་ ཐབས་ཁུང་ཟླུམ་པོའི་ནང་དུ་རྡོ་རྗེ་མཁའ་འགྲོ་བ་སྐྱེད་པར་བཤད་པའི་ཕྱིར་རོ། །འདིར་ཆོ་གའི་གཞུང་ལས་སྡིག་པར་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་བསམ་ པར་གསུངས་པའི་ཚིག་རིས་ལྟར་ན་ཏིལ་རང་གི་ལག་མཐིལ་དུ་འཛིན་པ་འདྲ་ཡང། ཊིཀ་ཆེན་ནས་ལག་པའི་མཐིལ་ལམ་སྣོད་དུ་ཏིལ་ནག་པོ་ལ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་བསམ་ སྟེ༑ ཞེས་འདི་ རྡོ་རྗེ་ [141B] མེ་བསང་ཞིང་སྦྱང་ལ། རྒྱས་པ་ལ་མོས་ན། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབས་ཁུང་དཀར་པོ་ཟླུམ་པོ་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་ བའི་ནང་དུ། ཛྭ་ལ་རཾ། ཞེས་ཡེ་ཤེས་ཀྱི་མེ་སྦར་བའི་དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ ཕྱག་གཉིས་ཐུགས་ཁར་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཞིང་ཞལ་རབ་ཏུ་གདངས་པར་གྱུར་ པའི་སྤྱི་བོར་ཨོཾ། མ་གྲིན་པར་ཨཱ་ཐུགས་ཁར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་ མེད་པར་གྱུར། ཨོཾ་བཛྲ་ཊ་ཀི་ཨརྒཾ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། ནས་རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་ཤོ་ལོ་ཀ་གཅིག་གིས་བསྟོད་ བསྡུ་ན། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་སྐད་ཅིག་གིས་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཞལ་གདངས་བར་གྱུར། ཅེས་ བསྐྱེད་དེ་སྡམ་ཊི་ག་ཆེན་དང་ཕྱི་མ་ཆོ་གའི་གཞུང་ལས་འབྱུང་ངོ། །ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་ཁར་ སྡིག་པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་ཀའི་པཾ་དེད་ནས་སྣ་སྒོ་ནས་ཐོན་སྡིག་པར་ཅན་གྱི་རྣམ་པར་གྱུར་ནས་ [142A]༄༅། །ཏི་ལ་ནག་པོལ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་གྱུར་པར་བསམ་ཏེ་འཛུབ་མོ་དང་མཐེ་བོའི་དབུས་སུ་ཧཱུཾ་བསམ་ལ་དེས་སྡིག་པའི་གཟུགས་ལས་བཅད་ནས་ཁྲོ་ བོའི་ཞལ་དུ་ཕུལ་ནས་གསོལ་བར་མོས་ཏེ། ཨོཾ་བྫྲཊ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་མཁའ་འགྲོས་ཟོ་ཟོ་ཟོ་ཅིག་ཟོ་ཅིག་སརྦ་བཱ་བཾ་ད་ཧ་ན་བྟ་སྨིན་ཀུ་རུ་སཱ་ཧཱ། སྡིག་པ་ཐམས་ ཅད་སྲེགས་པར་མཛོད་ཅིག་ཞེས་བཟླས་ཤིང་འཐེབ་འཛུབ་གྱིས་ཏིལ་མེ་ལ་བཏབ་ནས་བསྲེགས་པས་སྡིག་པ་དག་པར་བསམ། སྐྱེད་ཆོག་སྔ་མ་ལྟར་ན་སླར་ཡང་མཆོད་བསྟོད་སྔར་ བཞིན་བྱས་ཏེ། ཨོཾ་བཛྲ་མུ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འདག་ཉིད་ལ་ཐིམ་པར་གྱུར་པར་བསམ། ཕྱི་མ་ལྟར་ན་གཤེགས་གསོལ་མི་དགོས་ ཤིང། དམ་ཚིག་པ་མི་དམིགས་པར་མོས་པས་ཆོག་སྟེ། སྡ་མ་ཊཀ་ཆེན་ལས་བཤད་ཅིང་ཕྱི་མཆོ་གའི་གཞུང་གི་དགོངས་པའོ། །དེ་ནས་ཕྱིར་ཟློག་གི་སྦྱང་བ་ནི། བྱེ་མ་འམ་ ཡུངས་དཀར་ལ་ཀཾ་ཀ་ནི་དང་གཙུག་ཏོར་རྣམ་རྒྱལ་དང། གཙུག་ཏོར་དྲི་མེད་གཉིས་ཀྱི་གཟུངས། ཨོཾ་པདྨོ་ཥྞི་ཤ་བཾ་མེལ་ཧཱུཾ་ཕཊ། ཅེས་པ་རྣམས་ཉེར་གཅིག་རེ། ཡི་གེ་བརྒྱ་པ། ཧྲཱི་ཥྚཱི་ སོགས་དཀྱིལ་འཁོར་གྱི་ལྷའི་སྔགས་རྣམས་ཀྱི་མཐར། ཚོ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདིའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤན་ཏིང་ཀུ་རུ་ཡེ་སཱཧཱ། ཞེས་བཏགས་ལ་མང་དུ་བཟླས་ཏེ་ སོ་སོའི་སྔགས་དོན་དང་འཐུན་པའི་དམིགས་པ་དང་བཅས་པས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྫྲ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་སྲེགས་པའི་རྡོ་རྗེ། ཨོཾ་སརྦ་པཱ་པཾ་བི་ཤོ་དཧན་བྫྲ་ཧཱུཾ་ཕཊ་ [142B] ཨོཾ་སརྦ་ཀ་རྨཱ་ཨཱ་ཝར་ཎ་ནི་བྷ་སྨིན་ཀུ་རུ་ཧཱུཾ་ཕཊ། ལས་དང་སྒྲིབ་པར་ཐམས་ཅད་ཐལ་བར་མཛོད་ཅིག་ཨོཾ་བཧྲུཾ་བི་ནཱ་ཤ་ཡ་ཨཱ་ཝར་ཎཱ་ནི་བཛེ་ཧཱུཾ་ཕཊ་ སྒྲིབ་པ་རྣམ་པར་འཇོམས་པའི་རྡོ་རྗེ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝར་ཎཱ་ནི་ཧཱུཾ་ཕཊ༑ སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང། ཨོཾ་ཛྭལ་ཛྲལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། འབར་ བ་འབར་བ་ཚེད་ཆོད་བསྣུན་བསྣུན་སྒྲིབ་པ་སྦྱོད། ཨོཾ་སྲུཾ་ས་རས་ར་བྲ་སར་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། འཇོམས་པ་འཇོམས་པ་རབ་འབྱམས་རབ་འབྱམས་སྒྲིབ་པ་སྦྱོང། ཨོཾ་ཧཱུཾ་ཧ་ རཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། འཕྲོག་འཕྲོག་སྒྲིབ་པ་སྦྱོར། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ནཱ་ནི་སྤོ་ཊ་ཡ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་ཁོས་ཤིག་ཨོཾ་པྲི་ཏི་པྲི་ཏི་སརྦ་ཨཱ་བོ་ར་ཎཱ་ནི་ཧཱུཾ་ཕཊ་ དྲལ་བར་གྱིས་དྲལ་བར་གྱིས་སྒྲིབ་པ་སྦྱོང། ཨོཾ་ཏྲཊ་ཏྲ་ཊ་སརྦ་ཨཱ་ཝར་ཎཱ་ནི་ཧཱུཾ་ཕ་ཊ། ཆོད་ཆོད་སྒྲིབ་པ་སྦྱོང། ཨོཾ་ཚི་ནྡ་ཚི་ནྡ་སརྦ་ཨཱ་ཝར་ཎཱ་ནི་ཧཱུཾ་ཕཊ། གཏུབ་གཏུབ་བསྒྲིབ་པ་སྦྱོང། ཨོཾ་ད་ཧ་ ད་ཧ་སརྦ་ནར་ཀག་ཏི་ཧེ་ཏུམ་ཧཱུཾ་ཕཊ། དམྱལ་བར་འགྲོ་བའི་རྒྱུ་ཐམས་ཅད་སྲེག་སྲེག་ཨོཾ་པ་ཙ་པ་ཙ་སརྦ་ཕྲེ་ཀ་ཏེ་ཧེ་ཏུམ་ཧཱུཾ་ཕཊ། ཡི་དབགས་སུ་འགྲོ་བའི་རྒྱུ་ཐམས་ཅད་ཆོགས་ཆོམས་ ཨོམ་ཐ་མ་ཐ་སརྦ་ཏི་རྱེ་ཀག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། དུད་འགྲོར་འགྲོ་བའི་རྒྱུ་ཐམས་ཅད་ཆོམ་ཆོམ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་ངན་སོང་གསུམ་གྱི་ རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ཏེ་མྱུར་དུ་མངོན་པར་རྫོགས་པར་འཆང་རྒྱ་བར་གྱུར་ཅིག་ཅེས་པ་ལྟ་བུའི་སྤེལ་ཚིག་དང་བཅས་པ་བཟླ་ཞིང་བྱེ་མ་འམ། ཡུངས་དཀར་སྦྱད་རྟེན་ [143A]༄༅། །ལ་བྲབ་བས་ཡེ་ཤེས་ཀྱི་སྡགས་ཀྱི་འཕྲེང་བ་འོད་ཟེར་དང་བཅས་པ་རྟེན་ལ་ཕོག་པས་དེའི་སྡིག་སྒྲིབ་ཐམས་ཅད་དག་པའི་མོས་པ་བྱ། དེ་ནས་ཁྲུས་ཀྱིས་སྦྱར་བ་ནི་ དཀྱིལ་འཁོར་ཡོད་ན་དེའི་གཟུགས་བརྙན་མེ་ལོང་ལ་ཤར་བ་དང། མེད་ན་སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམ་ཅིག་གི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལ་ཁྲུས་བུམ་མམ་རྣམ་རྒྱལ་གྱིས་ གསོལ། དེ་དང་བླ་མ་ཁ་ཅིག་གི་ཕྱག་ལེན་ལ་རོའི་སྟེང་དུ་སྐུ་གཟུགས་བཞག་ནས་དེ་ལ་ཁྲུས་གསོལ་བ་ཡོད་པས་གང་རུང་བྱབ་ཊ་ཀ་ཆེན་ནས་བཤད། གང་ལྟར་ཡང་ཁྲུས་གསོལ་ བའི་ཚིག་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང། དེ་དག་སྐུལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ སོགས། །ཨོཾ་ཧཱུཾ་ཏྲཾ་སོགས། རྒྱལ་བའི་སྐུ་ལ་ཉོ་ན་མོངས་མི་མངའ་ཡང། །ཚེ་འདས་ལུས་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཚབ་འདི་གསོལ་བས། ཚེ་ འདས་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག་ཨོཾ་སརྦ་ནས་བི་ཤོ་བྷ་ནི་སཱ་ཧཱ། དེ་བཞིན་དུ་སྐུ་ཞེས་པ་གསུད་དང་ཐུགས། །ལུས་ཞེས་པ་ངག་དང་ཡིད་ཅེས་པར་འདོན་པ་བསྒྱུར་ཏེ་ ཁྲུས་གསོལ། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་ པ་དུམས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སཱཧཱ། སྟོང་གསུམ་ཀུན་དུ་དྲི་དང་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། གསེར་སྦྱང་བཅོམ་ [143B] །འོད་ཆགས་འབར་བདེ་དག་བྱུགས་པར་གྱིས། །ཨོཾ་བྫྲག་དའེ་ཨཱ་ཧཱུཾ། དེ་ནས་དེལ་ཁ་དོག་ལེགས་སྒྱུར་བའི། །ན་བཟའ་ཤིན་ཏུ་ཞིམ་ཡིད་ འོང་བའི། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང། །རྒྱན་མཆོག་བརྒྱ་ཕྲག་དེད་དེ་དེ་དགའ་བུལ། ཨོཾ་བྫྲ་ཝས་ས་ཨཱ་ཧཱུཾ། ཞེས་བརྗོད། དེ་ནས་ཁྲུས་ གསོལ་བའི་ཆུ་དེ་ཁྲུས་བུམ་དུ་བླུག་ཏེ་རོ་ཡིན་ན་དངོས་སུ་བཀྲུ། མིང་བྱང་ལྟ་བུ་ནུབ་སྡ་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་རབ་དང། ཐ་མ་ལ་དངོས་སུ་བཀྲུ་བར་ གསུངས་ཀྱང་ཕྱག་ལེན་ལ་ལག་པ་གཡོན་བུམ་པ་ཐོགས། གཡས་པས་ཀུ་ཤ་བཟུང་ནས་སྡགས་བརྗོད་པའི་ཚེ་བུམ་ཆུ་འཐོར་པ་དམ་པ་དག་གིས་མཛད་པ་ལྟར་རམ། བུམ་ པ་མདུན་དུ་བཞག་སྟེ་འཐོར་བ་ལྟ་བུ་གང་ཡང་རུང་བས་ཁྲུས་ཆུ་འཐོར་པ་བདེ་བས་དེ་ལྟར་བྱ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང། ། གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བྱའོ། །ཨོཾ་ཡ་མཱནྡ་ཀ་ས་མ་ཡ། མ་ནུ་བཱ་ལ་ནས་མ་ཧཱ་ས་མ་ཡས་ཏྭ་ཨ། འཇིག་རྟེན་འདི་ན་ ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་བ་ཆེ་གེ་མོ་ཞེས་བྱ་བ་འདི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་བ་དང་སྒྲིབ་པ་ཐམས་ཅད་དང། ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མི་ ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་དེ་བཞིན་དུ་སྦྱིན་བ་ཞེས་པའི་གནས་སུ། ཚུལ་ཁྲིམས་བཟོད་པ་ [144A]༄༅། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཅེས་དང། སེར་སྣ་ཞེས་པའི་གནས་སུ། ཚུལ་འཆལ་ཁོང་ཁྲོ་ལེ་ལོ། རྣམ་གཡེང་ཤེས་ འཆལ། ཞེས་པ་རྣམས་འདོན་པ་བསྒྱུར་ལ་ཚིག་བཅད་སྔགས་སྤེལ་ཚིག་དང་བཅས་པས་བཀྲུ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱང་ནས་ནི། གང་ལ་ ཉེས་པ་མི་མངའ་ཞིང། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཡིག་བརྒྱ། དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་ དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །ཡིག་བརྒྱ། དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ་ དད་པས་བདག་གིས་ཁྲུས་བགྱིའོ། །ཡིག་བརྒྱ། འཇིག་རྟེན་འདི་ནས་ཞེས་པ་ནས། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ སངས་རྒྱས་དུག་མི་མདའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །ཡིག་བརྒྱ། འཇིག་རྟེན་འདི་ནས། ནས་ཁྱད་པར་དུ་ཉོན་མོངས་བ་དང་དེའི་དབང་གིས་བྱུང་བའི་དུག་ ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་སོགས། དེ་བཞིན་དུ་སངས་རྒྱས་ཞེས་པའི་གནས་སུ། བཅོམ་ལྡན་དམ་ཆོས་འཕགས་པའི་དགེ་འདུན་ཞེས་པ་འདོན་པ་འདོན་པ་སྒྱུར་ [144B] ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདོ་ན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་ མེད་ཤོག་དུག་ནིས་ཡི་ནང་དུ་སོང། །གང་བའི་སྣོད་དུ་དུག་སོང་ཤིག་སྦཱཧཱ། །དེ་བཞིན་དུས་ཞེས་པའི་གནས་སུ། ཆུ། མེ། རླུང། ཞེས་པ་བཅུག་ལ་ཡིག་བརྒྱ་ སྦྱེལ་ཚིག་དང་བཅས་པ་བྱའོ། །སྦྱེལ་ཚིག་རྒྱས་པ་སྦྱོར་བར་སྤྲོན། གོང་གི་སའྷཱ། ཞེས་བའི་མཇུག་ཏུ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ འབྱུང་བ་སའི་བགལ་ཞི་བར་གྱུར་ཅིག་འབྱུང་བ་སའི་ནང་དུ་ཐིམ་པར་གྱུར་ཅིག་བཧུང་བས་རྣམ་པར་དག་པ་སྦྱན་མའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཅིག་སའི་རང་བཞིན་ ནི་སྟོང་པ་ཉིད་ཡིན་པས་ཆོས་ཉིད་སྤྲོས་བྲལ་ཏུ་རྟོགས་པར་གྱུར་ཅིག་ཅེས་དང་གཞན་གསུམ་ལས་ཞེས་པ་དང། སྦྱན་མ་ཞེས་པའི་གནས་སུ། ཆུ། མེ། རླུང་ ཞེས་དང། མཱ་མ་ཀི་གོས་དཀར་མོ། །སྒྲོལ་མ། ཞེས་པ་རྣམས་བཅུག་ལ་བརྗོད། འདིར་ཁྲུས་འདི་དག་གི་སྐབས་སུ་རྩ་རིག་གི་ཚབ་ཏུ་ཡིག་བརྒྱ་བརྗོད་པ་ཊི་ཀ་ཆེན་ནས་ བླ་མེད་ཀྱི་དཀྱིལ་འཁོར་གཞན་གྱི་སྒོ་ནས་ལྷོ་སྒོའི་ཆོ་གག་ཤིན་པོའི་དོན་དུ་བྱེད་ན་རྩ་རིག་གི་གནས་སུ་རང་རང་གི་ཡིག་བརྒྱ་བརྗོད་པར་གསུངས་བ་ལྟར་ཡིན་ལ། དམ་པ་འགའ་ཞིག་གིས་བླ་ མེད་ཀྱིད་ཀྱོ་འཁོར་གཞན་དང་འབྲེལ་བའི་སྐབས་སུའང་རྩ་རིག་བརྗོད་པར་གསུངས་པ་ཡོད་བས་དེ་ལྟར་བྱས་ཀྱང་མི་རུང་བ་མེད། དེ་ལྟར་བཀྲུས་བས་སོ་སོའི་སྦེལ་ཚིག་ནས་འབྱུང་བ་ [141A]༄༅། །ལྟར་དྲི་མདག་པ་ལ་སོགས་པའི་དམིགས་པ་ཤུགས་དྲག་བོ་བྱ། སྔགས་དང་སྦེལ་ཚིག་གི་སྐབས་སུ་དྲིལ་བུ་དཀྲོལ་མི་དཀྲོལ་གཞུང་དང་ཊི་ཀ་ཆེན་ནས་མི་གསལ་ ཞིང་དམ་པ་འགའ་ཞིག་གིས་དེར་རོལ་མོ་དཀྲོལ་བ་ཆོས་བརྒྱད་ཀྱི་སྤྲོས་པ་ལས་དམ་པ་གོང་མའི་ཕྱག་ལེན་ལ་མེད་གསུངས་པའང་སྣང་ལ། དེང་སང་ཕྱག་ལེན་ལ་དཀྲོལ་བ་དང་མིད་ཀྲོལ་ བཅི་རིགས་འདུག་ཀྱང་དཀྲོལ་བའི་སྲོལ་ཤས་ཆེར་དར་པའི་ཡུལ་དུ་མ་དཀྲོལ་ན་སྦྱིན་བདག་ཉམས་ཆེ་ཆེ་མོ་འདྲས་བླ་མ་འདིས་དྲིལ་བུད་ཀྲོལ་ཚོད་ཙམ་ཡང་མི་ཤེས་འདུག་གཟེར་ཉེན་ཆེ་བས་ སྔར་སྲོལ་ལྟར་བྱས་ན་སྔིག་རྐྱེན་དུ་མི་འགྱུར་ཞིང་ལག་ལེན་ཤེས་པའི་སྙན་གྲགས་འཐོབ། ས་ནི་དུག་གི་མ་ཡིན་ཏེ། ཞེས་སོགས་གྱི་སྐབས་སུ་ས་ལས་འཐོར། ཆུ་ལ་བུམ་ ཆུ་འཐོར། མེ་ལ་དཔལ་འབར་གཡོ་བ། རླང་ལ་ཁ་བ་རྒྱན་གྱི་ཀུ་ཤ་ཡོབ་པར་ཚད་ལྡན་གྱི་དམ་པ་འགའ་ཞིག་གིས་གསུངས་ཤིང་ཕྱག་ལེན་ཀྱང་དེ་ལྟར་མཛད་པས་དེ་བཞིན་ བྱེད་པ་མི་རུང་བ་མིན་ནའང། རང་ཅག་འདུལ་འཛིན་པའི་རྗེས་སུ་འབྲང་ནས་དེས་གསུངས་པའི་ཆོག་དང་ཕྱག་ལེན་བྱེད་པ་རྣམས་ཀྱིས་ཊི་ཀ་ཆེན་ནས། ས་ནི་དུག་གིམ་ཡིན་ཏེ་ ཞེས་སོགས་ཚིག་བཅད་རེ་རེའི་མཐར་ཁྲུས་རེ་བྱས་ལ་གཞུང་ནས་འབྱུང་བ་ལྟར་སྨོན་ལམ་བརྗོད་ཅིང་དེ་ལྟར་ཡང་བསམ་མོ། །ཞེས་གསུངས་པ་ལྟར་བྱ་བར་རིགས་སོ། ། དེ་ནས་མི་ཤིས་པ་སྦྱད་བ་ནི། དམང་འགའ་ཞིག་གིས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་གསུངས་ཤིད་ཚིག་འཚམས་ཚོར་བླམས་གཡས་པར་བུམ་ཆུ་འཐོར། གཡོན་ [141B] ཚོགས་པས་མེ་ཏོག་འཐོར་བར་མཛད་པས་དེ་བཞིན་བྱས་པ་རུང་ནའང། ཊི་ཀ་ཆེན་ནས་མི་ཤིས་པ་སྤྱང་བ་ནི། གཙུག་དགུ་ལས། སླར་ཡད་ བཀྲ་ཤིས་ཚིགས་བཅེད་ཀྱིས། དུས་གསུམ་དུ་ནི་ཁྲུས་བྱའོ། །ཞེས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་ཁྲུས་བྱེད་པར་གསུངས་པ་འདྲ་ཡང། བྱག་ལེན་ལ་ཤོ་ ལ་ཀ་རེ་རེའི་མཐར་དྲིལ་བུ་བསིལ་ཞིང་མེ་ཏོག་འཐོར་བ་མཛད་དོ། །ཞེས་གསུངས་པ་ལྟར་ཤོ་ལོ་ཀ་རེ་རེའི་མཐར་དྲིལ་བུ་བསིལ་ཞིང་མེ་ཏོག་འཐོར་བ་དང་བཅས་པས། གང་ལ་བསེར་སྣ་ རྣམ་ཆགས་པ། །རྣམ་འཇོམས་དྲིམ་མེད་མཛད་ཅིང། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེས་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་ རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་རྩན་ཀུན་ཀྱི་དོན་གྱི་ ཕྱིར༑ ༑གང་ཞིག་བདེ་བར་མངའ་མཛད་དེས། །ཁྱེད་ལ། སྒྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་ བསྐྱངས་དེས། །ཁྱེད་ལ། གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ། དཔའ་བོ་ཆེན་ བོ་གང་སྐྱེས་པས། །ཕུན་སུམ་འཚོགས་དོན་འབྱོར་གྱུར་ཅིང། །དོན་གྲུབ་ཆོས་ཀྱང་གྲུབ་པ་དེས། །ཁྱེད་ལ། གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་ [142A]༄༅། །པ་རབ་གཡོས་ཤིང། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང། ། བདུད་ཡིད་མི་བདེར་གྱུར་བ་དེས། །ཁྱེད་ལ། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང། །ཐུབ་བའི་སྙན་པ་གང་བྱུང་དེས། །ཁྱེད་ལ་ ཡིད་འཕྲོག་གར་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད་ བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཕྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག་སངས་རྒྱས་བསོད་ནམས་མཐུ་དག་དང། །ལྷ་རྣམས་ཀུན་གྱི་ བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་ཀྱུར་ཅིག་རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། ། ཁྱེད་ཅག་ལམ་བགྲོད་བདེ་གྱུར་ཅིག་ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ཀླེགས་ཤིང། །ཁྱེད་ཅག་ ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ནས། འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་ངན་སོང་གསུམ་ལས་གྲོལ་ནས་མཐོ་ རིས་སུ་སྐྱེས་ཏེ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་བར་གྱུར་ཙིག་ཅེས་བརྗོད། དེ་ནས་ཚེ་འདས་དེའི་བུ་ལ་སོགས་པ་ཉེ་འབྲེལ་གང་ [142B] རང་གི་བྱང་བུ་བཟུང་ནས་ཕྱག་འཚལ་བའམ། གལ་ཏེ་དེ་ལྟ་བུ་མ་བྱས་ཀྱང་ཡིད་ཀྱིས་ཏེ་འདས་དེས་བླམ་དང་ དཀྱིལ་འཁོར་བའི་ལྟ་དང་དཀོན་མཆོག་གསུམ་དང་ཉི་བའི་སྲས་བརྒྱད་དོགས་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་མོས་ཏེ། གང་གི་དྲིན་གྱིས་བདེ་ཆེན་གནས། ། སྐད་ཅིག་ཉིད་ལ་འཆར་བ་གང། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་འཛིན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་སོགས། བླ་མའི་སྐུ་ནི་རྡོ་རྗེའི་སྐུ། ། ཞེས་སོགས་ཤོ་ལོ་ཀ་གསུམ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ཡང་བདག་ཕྱག་འཚལ། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚེགས་རྣམས་ ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །ཞེས་སོགས། བཅུ་གསུམ་མའི་སྐབས། གཤིན་རྗེ་གཤེད་བོ་རབ་འཇིགས་པ། །ཞེས་སོགས་ཤོ་ལོ་ཀ་བཞི། །གཙོ་ བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབས་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་བ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་ བའི་འཇིགས་བསེལ་བ་དང། །བྱང་ཆུབ་སེམས་དཔའི་ཆོགས་ལ་ཡང། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲ་གནས་ནས། །ཀུན་ཏུ་བཟང་ལ་བདག་ ཉིད་འབུལ། །འཇམ་བའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་བ་མ་འཁྲོལ་བའི། །སྦྱན་རས་གཟིགས་མགོན་དལ་ཡང། །ཉམ་ [147A]༄༅། །ཐག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་སྐྱབས་ཏུ་གསོལ། །འཕགས་པ་ནམས་མཁའི་སྙིང་པོ་དང། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འཁྱེར་བྱེད་པའི། །རྡོ་རྗེ་ཅན་ ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ། འདིའི་ཆོ་གའི་གཞུང་ལས་འདིར་དེ་རྣམས་ནི་ཕྱིར་ཟློག་གི་སྦྱང་བའོ། །ཞེས་འབྱུང་ལ་ཊི་ཀ་ཆེན་ནས། སློབ་དཔོན་ཀུན་སྙིང་གིས་ཕྱིར་ཟློག་གི་སྦྱང་བ་ཕྱེ་མ་སོགས་ཀྱིས་བྲབ་པ་ནས་ཁྲུས་ཀྱི་ བར་ལ་བཞེད་པ་དང། ཁ་ཅིག་སྐྱབས་འགྲོ་དང་བཅས་པ་ལ་བཞེད་པའི་ལུགས་གཉིས་གསུངས་སོ། །དེ་ནས་དབང་བསྐུར་ན་སློབ་མའི་བྱ་བ་རྣམས་ཚེ་འདས་ཀྱིས་བྱེད་པར་མོས་ཏེ་ གསོན་པོ་ལ་བསྐུར་བ་ཇི་ལྟ་བ་བཞིན་བསྐུར། དེ་ཡང་འདིའི་གཞུང་དང་ཊི་ཀ་ཆེན་ནས་གཤིན་པོ་ལ་དབང་བསྐུར་ན་འདིར་སྐུར་བར་གསུངས་པ་ལས་འདིར་སློབ་མ་སྟ་གོན་བྱེད་མི་བྱེད་མི་ གསལ་ཡང་འགྲོས་ལ་དཔག་ན་མི་བྱེད་པའི་ཕྱོགས་ཡིན་འདྲ། མེས་སྦྱང་བ་ཚར་བའི་འཇུག་ཏུ། དེ་དག་ནི་གཤིན་པོའི་ཆོ་གའི་ཁྱད་པར་སྟེ། ས་ཆོག་དང་སྟ་གོ་ན་སོགས་གཞན་ རྣམས་ནི་གསོན་དབང་དང་འདྲ། ཞེས་བཤད། རང་ཕྱོགས་ཀྱི་ཀུན་རིག་གི་ཊཀྐི་གཞན་ཞིག་ན་གཤིན་པོ་ལ་ལྷོ་སྒོའི་ཆོ་ག་བྱས་པ་སློབ་མ་སྟ་གོན་གྱི་དོང་པོ་ཡིན་པར་གསུངས། དམ་པ་ [147B] སྤྱིར་གཤིན་པོ་ལ་དབང་བསྐུར་ན་པན་ཡོན་ཆེ་བར། དུས་འཁོར་རྩ་རྒྱུད་ལས། རྡུལ་ ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །ཅེས་དང། རྡོ་རྗེ་ གུར་གྱི་རྒྱུད་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང། །དེ་ཉིད་ཀྱིས་ནི་ཐར་བར་ འགྱུར། །ཅེས་དང། སྦྱོང་རྒྱུད་ལས། གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན། སེམས་ཅན་དམྱལ་བར་སྐྱེས་ན་ཡང་སྐྱེས་མ་ཐག་ ཏུ་རྣམ་ཕྲར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ཞེས་སོགས་ཤིན་ཏུ་གསལ་བར་གསུངས། འདིའི་གཞུང་དང་ཊིཀ་ གསུངས་པ་ལས་འདི་ལ་སྐུར་དང། འདི་ལ་མི་བསྐུར་བའི་དམིགས་གསལ་མི་འབྱུང་ཞིང་དབང་རྫོགས་ མཁས་གྲུབ་ཐམས་ཅད་མཁྱེན་པའི་དངོས་ སློབ་རྗེ་ཆོས་ལྡན་རབ་འབྱོར་གྱིས། གཤིན་པོའི་སྡིག་སྦྱོང་གི་ཆེད་དུ་བསྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་དུ་བཅུ་གནས་ལྷ་ངོ་སྟོན་པའི་བར་བྱ་ཡི་དམ་གཞག་རྣམས་དང་དབང་དངོས་གཞི་མི་དགོས། སྦྱོང་རྒྱུད་ལས་དབང་བསྐུར་བར་གསུངས་པ་ནི་ཚོགས་སོག་སྒྲིབ་སྦྱོང་གི་རྟེན་འབྲེལ་སྒྲིག་པའི་རྗེས་གནད་མང་པོ་ལ་དབང་གི་ཐ་སྙད་བཏགས་པ་ [148A]༄༅། །ལ་དགོངས་པ་ཡིན་བར་བཤད། །པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་གཤིན་པོ་ལ་དབང་བསྐུར་བ་ལ་དེ་སྔར་དབང་ཐོབ་པ་ཅིག་ཡིན་ན་བླ་མེད་དང་འབྲེལ་བའི་ཏིང་ངེ་ འཛིན་གྱི་དབང་ཙམ་བྱས་པས་ཆོག་གི་དེ་མིན་ན་དགག་བྱ་ཡོད་པས་དཀྱིལ་འཁོར་དུ་འཇུག་པ་ཙམ་བྱས་ན་ལེགས་པར་གསུངས་པས་བློ་གློས་དང་ལྡན་པ་རྣམས་ཀྱིས་དབྱད་པར་བྱ། ། དེ་ནས་རྟེན་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། །རིན་པོ་ཆེའི་ རྒྱན་དང་ངར་གྱི་ན་བཟའ་གསོལ་བ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱ་དམར་པོ། །ཐུགས་ཁར་ཧཱུཾ་སྔོན་པོས་མཚན་པར་གྱུར། ། ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། ཨོཾ་བྫྲ་སཏ་ཨརྒཾ་སོགས་ཀྱིས་མཆོད། རྡོ་རྗེ་ སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་བསྟོད། འདིའི་ཆོ་གའི་གཞུང་ ལས་སྔར་བཞིན་བསྒོམ་ལ་གོང་ལྟར་མཆོད་པར་གསུངས་པ་ནི་ས་ཆོག་གི་གོང་དུ་རྡོར་སེམས་སྐྱེད་ནས་མཆོད་བསྟོད་བྱེད་ཚུལ་གསུངས་པ་དེ་བཞིན་བྱ་བར་གསུངས་བ་ཡིན་ལ། ཀུན་ རིག་རང་ལ་བརྟེན་པའི་སྐབས་སུ་དེ་ལྟར་བྱ་བ་ཡིན་ཀྱང་དཀྱིལ་འཁོར་གཞན་ལ་བརྟེན་པའི་སྐབས་སུ་སྤྱི་འགྲོལ་བཤད་མ་ཐག་པ་འདི་བཞིན་གྱིས་ཆོག་སྔར་བགེགས་སྦྱངས་པའི་གོང་དུ་ལྷར་ [148B] འདིར་ཟས་གཏད་དམ་འདོད་ཡོན་བསྔོ་བ་ཞེས་བྱ་བ་དེ་བྱེད་ན། རྫས་རྣམས་བསང་སྦྱང། སྟོང་པའི་ངང་ལས་བཧྲུཾ་ལས་རིན་པོ་ཆེའི་སྣོད་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་ སུམ་ཚོགས་པར་གྱུར། ཐལ་མོ་གཉིས་པ་གནལ་སྙེམས་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དབྲལ་བར་བཞག་ལ། ན་མཿ་སརྦ་ཏ་ཐཱ་ག་ཏ་བྷྱོ་བེ་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁཾ་ཨུད་ག་ཏེ་སྤ་རཎ་ཧི་མཾ་ག་ག་ ན་ཁཾ་སཱཧཱ། ཞེས་ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབ་ལ། ཁ་དོག་དབྱིབས་ལེགས་མ་འམ། །ཨེ་མའོ་མཆོད་པ་ཞེས་སོགས་སམ། གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན། ཞེས་སོགས་ཚིགས་བཅད་གང་ཡང་རུང་བ་ རྐྱང་བའམ་སྔགས་དང་བཅས་པས་དབུལ། དེ་ཡང་འཇིག་རྟེན་པ་དག་ཟས་དང་གོས་སོགས་གཤིན་པོ་ལ་གཏད་པས་དེས་ལོངས་སྤྱོད་པར་འདོད་པ་ཡོད་ནའང་དེ་ལྟ་བུ་མེད་པ་ནི་ཚེ་འཕོ་བ་ཇི་ལྟར་འགྱུར་བ་ལུང་བསྟན་བའི་མདོ་ལས་ ཤིན་ཏུ་གསལ་བར་གསུངས་ཤིང། གཤིན་པོ་དེའི་ཆེད་དུ་བཟའ་བཏུང་གོས་སོགས་དཀོན་མཆོག་ལ་ཕུལ་ཏེ། དེའི་དགེ་བ་གཤིན་པོ་ལ་བསྡོས་ན་གཤིན་པོ་དེ་མཐོ་རིས་སུ་སྐྱེས་པ་དང། དེར་སྐྱེས་ནས་ལོངས་སྤྱོད་ཕུན་སུམ་ ཚོགས་པར་འགྱུར་བ་སོགས་ཀྱི་ཕན་ཡོན་ཡོད་པར་འདི་ཉིད་ལས་གསུངས་པས་དེ་ལྟར་བྱེད་བ་ལེགས་སོ། །འདོད་ཡོན་གྱི་མཆོད་པ་དཀོན་མཆོག་ལ་ཚིགས་བཅད་སྔགས་ཅི་རིག་པས་ཕུལ་བའི་མཐར་འདོད་ཡོན་ལྔའི་མཆོད་པ་བླ་ མདང་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་དཀོན་མཆོག་ལ་ཕུལ་བའི་དགེ་བ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ་ཚེ་དཔལ་སྟོབས་འབྱོར་ ལོངས་སྤྱོད་དགེ་བ་ཕུན་སུམ་འཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག་ཅེས་བའི་སྤེལ་ཚིགས་སྦྱར་ན་ལེགས་བར་སེམས། འོན་ཀྱང་འདིའི་གཞུང་ལས་ཟས་གཏད་ཅིས་ཀྱང་བྱེད་དགོས་བྱུང་ན་ཚེ་འདས་ལྷར་སྐྱེད་པ་ལ་ [149A]༄༅། །མཆོད་པར་གསུངས་པ་ནི་བཟའ་བཏུང་སོགས་གཤིན་པོ་རང་ལ་གཏོད་པ་ལྟ་བུའི་ཟས་གཏད་མ་བྱས་ན་དེའི་ཉེ་འབྲེལ་སོགས་ཀྱི་འདོད་བ་མི་ཁེང་པ་ལྟ་བུའི་དགག་བྱ་བྱུང་ན་ཚོ་འདས་དེ་ལྷར་སྐྱེད་པ་ལ་འབུལ་བའི་དོན་ཡིན་ པས་དེ་འདྲའི་དགག་བྱ་ཡོད་པའི་ཚེ་དེ་ལྟར་བྱ་ལ། གཞན་དུན་སྔ་མ་ལྟར་བྱེད་བ་རྗེ་འདུལ་བ་འཛིན་པའི་དགོངས་པ་ཡིན་ཏེ། འདིའི་གཞུང་ལས་ཟས་གཏད་ཅིས་ཀྱང་བྱེད་དགོས་བྱུང་ན། ཞེས་དང། ཊི་ཀ་ཆེན་ལས། ཟས་གཏད་ཅིས་ཀྱང་བྱེད་དགོས་བྱུང་ན་དབང་བསྐུར་རྫོགས་ནས་ལམ་སྦྱད་བསྟན་མ་བྱས་པའི་གོང་དུ་ཚེ་འདས་ལྷར་བསྐྱེད་པ་ལ་བཟའ་བཏུང་སོགས་བསང་སྦྱང་ལ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས། ཁ་ཟས་རོ་བརྒྱ་བ་ལ་སོགས་པར་བྱིན་གྱིས་བརླབ་ ནས༑ འདོད་ཡོན་ལྔ་འབུལ་པའི་ཚིགས་ལ་སོགས་པས་དབུལ་ཞེས་བླ་མ་ཁ་ཅིག་གསུང་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སློབ་དཔོན་ནག་པོ་པས་ལམ་སྦྱང་བ་བྱས་པའི་རྗེས་སུ་ལམ་བསྟན་པར་གསུངས་ཞིངས་ཞལ་ཕལ་ཆེར་གྱིས་དེ་ བཞིན་མཛད་ནའང། གཙུག་དགུ་ལས། རདྣེ་སོགས་ལམ་བསྟན་པའི་སྔགས་དང། པདྨེ་སོགས་ལམ་སྤྱད་པའི་སྔགས་སུ་གསུངས་ལ། སློབ་དཔོན་སྟོན་ཉིད་ཏིང་ངེ་འཛིན་རྡོ་རྗེས་ཀྱང་དེ་ལྟར་བཤད་པས་རང་ལུགས་ཐོག་མར་ལམ་བསྟན་པ་ནི། གྲུབ་ན་ཚེ་འདས་ ལྷར་བསྐྱེད་པ་དེ་ལ། མི་མཇིད་འཇིག་རྟེན་གྱི་ཁམས་འདི་ལ་ལྟོས་པའི་ནུབ་ཕྱོགས་ན་ཞིང་དེར་སྐྱེས་ཙམ་ནས་སྡུག་བསྔལ་གྱི་མིང་ཡང་མེད་ཅིང་བདེ་བ་རང་ཆས་སུ་ཡོད་པས་བདེ་བ་ཅན་ཞེས་གྲགས་པའི་ཞིང་ཁམས་རྒྱལ་བ་འོད་དཔག་མེད་ཀྱི་སྔོན་གྱི་སྨོན་ལམ་གྱི་ མཐུ་ལས་བྱུང་བ། རྒྱུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། མེ་ཏོག་དང། རིན་པོ་ཆེའི་ལྗོན་ཤིང་དང། རྫི་དབུ་ལ་སོགས་པས་མཛེས་པར་བརྒྱན་བ། ཐ་གྲུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་ལས་གྲུབ་པའི་བྱང་ཆུབ་ཤིང་གི་དྲུང་ན་རིན་པོ་ཆེའི་ཁྲི་དང་པདྨའི་གདན་ལ་ རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་བྱི་རུའི་ལྷུན་བོ་ལ་ཉིན་བྱེད་བྱེ་པའི་འོད་ཀྱིས་འབྱུང་བ་ལྟ་བུའི་གཟི་མདངས་ཅན། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུལ་ཆོས་གོས་དམར་པོ་གསོལ་ཞིང་ [149B] ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འཁོར་ཚོགས་རྒྱ་མཚོའི་དབུས་ན་བཞུགས་པ་མངོན་སུམ་དུ་མཐོང་བ་དང། དེའི་མདུན་དུ་པདྨའི་སྡོང་བུ་འདབ་མ་འབུམ་དང་ལྡན་པ་ཡོད་པའི་ འདབ་མའི་སྟེང་དུ་རང་ཉིད་འགྲོ་བའི་འདུན་པ་གྱིས། དེ་ཡང་དཀོན་མཆོག་རིན་པོ་ཆེའི་དཔལ་གྱི་ཞིང་ཡིད་དམ་ལྷའི་དཀྱིལ་འཁོར་བསྒྲུབ་པ། དཀོན་མཆོག་རིན་པོ་ཆེ་ལས་བྱུང་བ་དཀྱིལ་འཁོར་གྱི་ལྷ་ཚོགས་ ལ་མཆོད་བསྟོད་བྱས་པ་ལས་བྱུང་བ། དཀོན་མཆོག་རིན་པོ་ཆེའི་འོད་ཟེར་ཡི་དམ་ལྷའི་བྱིན་རླབས་དང་ནུས་མཐུས་རིན་ཆེན་འཕྲེང་བ་རྣམ་པར་དག་པ་ཚེ་འདས་ཁྱོད་ཀྱི་རྒྱུད་ཡོངས་སུ་དག་པ་དེ་རྣམས་ནི་གཞན་ དོན་གྱི་རྒྱུ་ཚོགས་ཀྱི་ལམ། །རྟེན་སྐྱེད་པ་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་བར་གཞན་དོན་རྒྱ་ཆེན་པོ་ལ་སྦྱོར་བས་སྦྱོར་བའི་ལམ། དེ་ནས་དཀྱིལ་འཁོར་བསྟན་པས་རྟེན་བརྟེན་པའི་དཀྱིལ་ འཁོར་མཐོང་བའམ། བདེ་བ་ཅན་གྱི་འདྲེན་པ་འོད་དཔག་མེད་འཁོར་ཞིང་ཁམས་དང་བཅས་པ་བསྟན་པས་མཐོང་བ་མཐོང་ལམ། མཐོང་ཟིན་གྱི་དོན་ཡིད་ལ་གོམས་པར་བྱེད་པས་སྒོམ་ ལམ༑ འདུན་པ་དང་སྨོན་ལམ་གྱིས་མཚམས་སྦྱར་ནས་བདེ་བ་ཅན་དུ་གནས་སྤོར་བ་ཁྱད་པར་གྱི་ལམ་སྟེ་དེ་རྣམས་མཐོ་རིས་ཀྱི་ལམ་དང། ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་མ་ལུས་པ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བསྒྱུར་པ་ནི། བྱང་ཆུབ་བར་ཆད་མེད་པའི་ལམ་སྟེ་ངེས་ལེགས་ཀྱི་ལམ་ཡིན་ལ། ངན་སོང་དང་འཁོར་ བ་ལས་རྣམ་པར་གྲོལ་བའི་ལམ་དེ་དག་ལ་བརྟེན་ནས་མངོན་མཐོ་བདེ་བ་ཅན་དང་དེས་ལེགས་འཕགས་པའི་ལམ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་འདུན་པ་རྩེ་གཅིག་ཏུ་གྱིས་ཤིག་ཅེས་བརྡའ་སྤྲོད་པ་འམ་མོས་པ་བྱས་ [150A]༄༅། །ཏེ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་ པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག་ཨོཾ་རདྣེ་རདྣེ། མཧཱ་ རདྣེ། རདྣེ་སཾ་བྷ་ཝེ། རདྣེ་ཀི་ར་ཎེ་རདྣེ་མཱ་ལཱ་བི་ཤུད་དཧེ། ཤོ་དྷ་ཡ་སརྦ་བཱ་བཱཾ་ཧཱུཾ་ཕཊ། དཀོན་མཆོག་དཀོན་མཆོག་རིན་ཆེན་རིན་ཆེན་ཡང་དག་པར་འབྱུང་བ་ རིན་ཆེན་འོད་འཕྲོ་བ་རིན་ཆེན་འཕྲེང་བ་རྣམ་པར་དག་པ་སྡིག་པ་ཐམས་ཅད་སྦྱོང། ཅེས་པས་ལམ་བསྟན་ལ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་ པའི། །སྲིད་པའི་པདྨ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག་ཨོཾ་པདྨེ་པདྨེ་པདྨ་སམྦྷ་ཝ། མཧཱ་སུ་ཁ་བ་ཏི་ག་ཙྪན་དུ་སཱཧཱ། པདྨ་ཡང་ དག་པར་འབྱུང་བའི་བདེ་བ་ཆེན་པོའི་གནས་སུ་གྱིས་ཤིག་ཞེས་བརྗོད་ཅིང་མེ་ཏོག་གཏོར་ལམ་སྦྱངས་པས་ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ དེ་བདེ་བ་ཅན་དུ་གཤེགས་པ་དེར་པདྨ་ལ་རྫུས་ཏེ་སྐྱེས། དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སང་ཀ་རཾ་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སཱཧཱ། ཞེས་མཆོད་ [150B] ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་སཱཧཱ། ཞེས་མཆོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་པར་གྱུར་ དེའི་ཚེ་ལྷ་རྣམས་ཀྱིས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་སོགས་ཆོ་ག་བྱེད་པ་པོ་བདག་གི་མཐུར་ཤེས་ནས་རང་ཉིད་ལ། ཨོཾ་སརྦ་ནས་སཱཧཱ། ཞེས་མཆོད་ཅིང། སངས་རྒྱས་ འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་ཆེད་དུ་ བརྗོད་པར་གྱུར། །ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཀྱང་རང་ཉིད་དེར་སྐྱེས་པའི་རྒྱུ་བརྟགས་པས་བདག་གིས་ཆོ་ག་བྱས་པའི་ནུས་མཐུར་ཤེས་ནས་སྐད་ཅིག་གིས་འོངས་ཏེ། ཨེ་མ་ཤཱཀྱ་ མགོན་པོ་ཡིས། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །དེ་བཞིན་གཤེགས་པའི་ ཆོས་ཉིད་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་བསམ་ ཡས། །ཨེ་མ་སངས་རྒྱས་རྣམས་ཀྱིས་ནི། །སྔགས་ཀྱི་བྱིན་རླབས་ཡཾ་མཚན་ཆེ། །གང་ཕྱིར་འཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། ། ཞེས་ཆེད་དུ་བརྗོད་ནས་བདག་དང་ལྷ་ལ། ཨོཾ་སརྦ་ནས་སཱཧཱ། ཞེས་མཆོད་དེ་སླར་ཡང་བདེ་བ་ཅན་དུ་སོང་བར་གྱུར་པར་བསམ། ཨོཾ་སརྦ་བུདྡྷ་ཀྵེ་ཏྲ་ག་ཙྪན་དུ་སཱཧཱ་ [151A]༄༅། །སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་སོང་ཤིག་ཞེས་བརྗོད་ཅིང་མེ་རྟོག་གཏོར། འདིའི་སྐབས་ཀྱི་མཆོད་པ་ལན་བཞི་པོ་ཚེ་འདས་དང་བདེ་བ་ཅན་གྱི་བྱང་སེམས་དང་ ལྷ་གཞན་རྣམས་ཀྱིས་བྱེད་པར་བསམ་ནས་རང་གིས་བྱེད་དགོས་པ་ཡིན། ཊི་ཀ་ཆེན་ལས། འདིའི་སྐབས་ཀྱི་མཆོད་པ་ལན་བཞི་བྱ་བ་ནི་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་ སྔགས་དང་ཕྱག་རྒྱ་ཙམ་གྱིས་འབུལ་བའི་བསྡུས་པའམ་རྒྱས་པ་ལ་སྤྲོན། ཚིགས་བཅད་སྔགས་ཕྱག་རྒྱ་དང་བཅས་མཆོད་དོ། །ཅེས་སྔགས་རྒྱ་ཙམ་གྱིས་བསྡུས་པའམ་ཚིགས་ བཅད་དང་བཅས་པའི་རྒྱས་བ་གང་རུང་གིས་མཆོད་པར་གསུངས་པས་སོ། །མཆོད་པ་དང་ཆེད་བརྗོད་དེ་ལྟར་བྱ་བར་གསུངས་པ་དེ་སྤྱོད་རྒྱུད་ཀྱི་གླེང་གཞིའི་སྐབས་ལས་གསུངས་པ་དང་བསྟུན་ པ་ཡིན་ལ། དམ་པ་འགའ་ཞིག་གིས་མཆོད་པ་དེ་དག་གི་སྐབས་སུ་བྱང་སེམས་རྙིང་པ་སོགས་དེ་དག་གིས་མཆོད་པ་བསམ་པ་མ་གཏོགས་རང་གིས་མཆོད་སྔགས་བརྗོད་པ་སོགས་བྱེད་པར་མ་ བཤད་པའང་ཡོད། པདྨོ་སོགས་ཀྱི་སྐབས་སུ་མེ་ཏོག་འཐོར་བ་ལ་ཊི་ཀ་ཆེན་ལས། ཁ་ཅིག་མེ་ཏོག་ཆུ་ནང་དུ་འདོར་བ་དང་ཁ་ཅིག་རྟེན་ལ་འདོར་བའི་ལུགས་གཉིས་བཤད། པཎ་ཆེན་ ཐམས་ཅད་མཁྱེན་པས་ཆུ་དང་ ལམ་སྟོན་གྱི་ཚེ་གོང་དུ་བཤད་པའི་དམིགས་པ་དེ་བཞིན་བྱ་བར་ཚད་ལྡན་དམ་པའི་གསུངས་ལས་འབྱུང་ལ། ཆོ་ག་དང་མ་འབྲེལ་བར་ལམ་སྟོན་བྱེད་པའི་ཁུང་མ་མཐོང་ཞིང། མཁས་གྲུབ་ཚད་ [151B] སྐྱབས་སེམས་སྔོན་དུ་བཏང། ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་ཞིང། ཞེས་པ་ནས། རྫུ་འཕྲུལ་སྟོབས་ཀྱིས་བརྩེ་ བས་འདིར་གཤེགས་ཤིག་ཅེས་རྒྱལ་བ་འོད་དཔག་མེད་འཁོར་བཅས་ཚོགས་ཀྱི་ཞིང་དུ་སྤྱན་དྲངས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་པ་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་ བར་གྱིས་ཡན་ལག་བདུན་པ་ཕུལ་ཏེ། ལམ་བསྟན་སྦྱང་བྱས་ན་འབྲེལ་ཅུང་ཞིག་ཆག་གམ་སྙམ་མོ། །འོན་ཀྱང་ཆོག་དང་མ་འབྲེལ་བར་ལམ་བསྟན་སྦྱང་བྱར་རུང་མི་རུང་བློ་ལྡན་རྣམས་ཀྱིས་དབྱད་པར་བྱ། ཚེ་འདས་ལྷར་མ་ བསྐྱེད་ན། ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ཞེས་བརྗོད་པ་མ་འབྲེལ་པས། ཚེ་འདས་ཀྱི་རྣམ་ཤེས་སྤྱི་གཙུག་ནས་ཐོན་ཞེས་བརྗོད། དེ་ནས་ལྷ་དང་རྣམ་ཤེས་གཤེགས་ པའི་ཕུང་པོ་ལྷག་མ་རོ་ལྟ་བུའམ་བྱང་བུ་སྡིག་སྒྲིབ་དང་ལྷན་ཅིག་རཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེས་སྲེག་པར་གྱུར་པར་བསམ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྤར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྤར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྤར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ་ལྷ་མོ་དྲུག་གི་མེ་སྤར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྤར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག་ཅེས་བརྗོད་ཅིང་མེ་སྤར་རོ། །ཞེས་པ་སྔ་མ་རྣམས་ཀྱི་ཚེ་མེ་སྤོར་བའི་ སྟངས་ཀ་ཙམ་བྱ་ཞིང། འགྲུབ་པར་ཤོག་ཅེས་པ་དང་མཉམ་དུ་སྤར་ལ། སྟོང་པ་ཉིད་ལ་གཟུགས་མེད། ཞེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའི་བར་དོན་དྲན་བཞིན་པས་བརྗོད་ཅིང་ཕུང་པོ་ལྔའི་དྲི་མ་ནས་ལུས་ངག་ཡིད་གསུམ་གྱི་དྲི་ [152A]༄༅། །མའི་བར་བག་ཆགས་དང་བཅས་པ་ཟབ་གསལ་གཉིས་མེད་མཐར་ཐུག་མེར་ཤར་བའི་ཡེ་ཤེས་ཀྱི་མེས་བསྲེག་པས། ཕུང་པོ་ལྔ་རྣམ་པར་དག་པ་རིགས་ལྔ་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ ཀྱི་བར་ཡོངས་སུ་རྫོགས་པའི་ཐོབ་བྱ་མཐར་ཐུག་ཐོབ་པར་བསམ། རོ་འམ་བྱང་བུ་སྲེག་རྒྱུ་ཡོད་པའི་ཚེ་དེ་ལྟར་བྱ་ཡི་མེད་ན་མི་དགོས། དེ་ནས་བདག་མདུན་འཇུག་པ་གཅིག་ཏུ་བསྒྲུབ་པ་ཡིན་ན་མཆོད་བསྟོད་བྱས་ཡིག་བརྒྱས་ལྷག་ཆད་བསྐད། བཟོད་པར་ གསོལ༑ སྒྲུབ་གཞི་རས་བྲིས་ཀྱི་དཀྱིལ་འཁོར་ལྟ་བུ་ཡིན་ན། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནས་པར་གྱུར། ཡེ་ཤེས་པ་རྣམས་འདིར་ནི་རྟེན་དང་ལྷན་ཅིག་དུ་ཞེས་སོགས་ཀྱིས་བརྟན་ བཞུགས་བྱ་ཞིང་རྡུལ་ཙོན་ཡིན་ན་བསྡུ་ཆོག་དཀྱིལ་ཆོག་ནས་འབྱུང་བ་ལྟར་བྱ། སྒྲུབ་གཞི་མེད་པའི་བདག་སྐྱེད་རྐྱང་པ་ཡིན་ན་ཉེར་བསྡུ་བྱས་ལ་སྨོན་ལམ་དང་ཤིས་བརྗོད་ཀྱིས་བརྒྱན་པར་བྱའོ། །འདི་ནི་ཊིཀ་ཆེན་ལས་རྣལ་འབྱོར་བླ་མེད་སོགས་ཀྱི་དཀྱིལ་འཁོར་ གཞན་གྱི་སྒོ་ནས་གཤིན་པོའི་དོན་དུ་ཆོག་བྱེད་པར་འདོད་ན་ཡང། རྣམ་ཤེས་དགུག་པ་སོགས་ཀྱི་བདེན་སྟོབས་བརྗོད་པའི་ཚེ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་མཚན་དང། རྩ་རིག་གི་གནས་སུ་རང་རང་གི་ཡི་གེ་བརྒྱབ་བརྗོད་ཅིང་ལྷོ་སྒོའི་ཆོ་ག་ གཞན་ཐམས་ཅད་འདི་བཞིན་བྱས་ལ། བདག་མདུན་གྱི་དཀྱིལ་འཁོར་སྒྲུབ་པ་དང་དབང་བསྐུར་བ་སོགས་རང་རང་གི་གཞུང་ལས་བྱུང་བ་ལྟར་བྱའོ། །ཞེས་གསུངས་པ་ལྟར་འཇིགས་བྱེད་ཀྱི་སྒོ་ནས་གཤིན་ཆོག་བྱ་ཚུལ་ཡིན་ལ། དཀྱིལ་ འཁོར་གཞན་གྱི་སྒོ་ནས་བྱེད་ན་བདེན་སྟོབས་བརྗོད་པའི་ཚེ་གསང་འདུས་ལ། བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་ལྷ་ཚོགས། བདེ་མཆོག་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས། ཚེ་དཔག་ལ་ བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཞེས་འདོན་པ་སྤོ་ཞིང། ཡིག་བརྒྱའི་ཚེ་གསང་འདུས་ལ། ཨོཾ་བཛྲ་སཏ་ས་མ་ཡ། ཞེས་སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ། བདེ་མཆོག་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་ [152B] ཧེ་རུ་ཀའི་ཡིག་བརྒྱ། ཚེ་དཔག་ལ་ཡིག་བརྒྱ་སྤྱི་འགྲོ། ཕྱག་འཚལ་གྱི་ཚེ་གསང་འདུས་ལ། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང། ཞེས་སོགས། བདེ་ མཆོག་ལ། ཧེ་རུ་ཀ་དཔལ་དཔའ་བོ་ཆེ་ཞེས་སོགས། ཚེ་དཔག་ལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །ཞེས་སོགས་སམ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཞེས་སོགས་སྦྱོར་ཞིང་གཞན་ རྣམས་གོང་དུ་བཤད་པས་རིག་བསྒྲེས་ཏེ་ཤེས་པར་བྱ། གཤིན་པོའི་དགེ་བ་ལ་གསང་བདེ་འཇིགས་གསུམ་སོགས་ཀྱི་ཆོ་ག་ཞེ་དགུའི་བར་དུ་གསུངས་པ་ཕན་ཡོན་ཤིན་ཏུ་ཆེ་ལ། དེ་དང་འབྲེལ་པའི་ལྷོ་སྒོའི་ཆོག་ བྱས་ན་སྡིག་སྒྲིབ་སྦྱོང་པ་སོགས་ཀྱི་ནུས་པ་དང་ཕན་ཡོན་ལྷག་པར་ཆེ་བས་ཚེ་འདས་ལ་སྙིང་བརྩེ་བདག་གིས་ནི་ཚུལ་འདི་ལྟ་བུ་ལ་བརྩོན་པར་རིགས་སོ། ། །ཞེས་གཤིན་པོ་རྗེས་སུ་འཛིན་པའི་ཐབས་ལྷོ་ སྒོའི་ཆོག་ཐར་ལམ་གསལ་སྒྲོན་ཞེས་བྱ་བ་འདི་ནི་ཡུལ་བྱད་ཕྱོགས་ཀྱི་མཐར་སྐྱེས་པའི་གྱིན་བ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོ་ཞེས་བྱ་བས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ངན་སོང་སྦྱོང་ བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་པ་གཞིར་བྱས། ཀུན་རིག་ཊིཀ་ཆེན་དང་དམ་པ་གཞན་གྱི་མན་ངག་གིས་བརྒྱན་ཏེ་ལག་ཏུ་བླང་བདེ་བར་རང་ཉིད་ཀྱི་རྗེད་བྱང་དང་རང་དང་སྐལ་བ་ མཉམ་པ་གཞན་ལའང་ཕན་པར་འདོད་པས་དབེན་གནས་བྱང་ཆུབ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་བཀྲ་ཤིས་རྒྱལ་མཚན་ནོ། །འདིས་ཀྱང་འཁོར་བ་དང་ངན་སོང་གི་རྒྱུན་ཆད་ཅིང་རྒྱལ་བའི་ བསྟན་པ་རིན་པོ་ཆེ་སྤྱི་དང་རྒྱལ་བ་བློ་བཟང་གྲགས་པ་ཡབ་སྲས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་ །།མངྒ་ལཾ།།